《雪域姑娘》歌词

歌手:泽旺拉姆

作曲 : 三智才让
གངས་རིའི་བུ་མོ།
ཚིག་རྩོམ་མཁན། ཧོར་མདུང་བཟུང་།
དབྱངས་རྩོམ་མཁན། མགར་བསམ་འགྲུབ་ཚེ་རིང་།
གཞས་མཁན། ཚེ་དབང་ལྷ་མོ།
སྐྱ་རེངས་དང་པོའི་མཚམས་སུ།།
གཡང་ཆུ་ཟོ་ལ་བཅུ་བའི།།
གངས་རིའི་བུ་མོ་ཆུང་ཆུང་།།
དྲན་པའི་མེ་ལོང་ངོས་ལ།།
ཁྱོད་ཀྱི་ཞལ་རས་འཛུམ་ཡོད།།
ལྕི་འདམ་ལྷས་རའི་ནང་ན།།
གཡང་གི་འབྲི་མོ་འཇོ་བའི།།
གངས་རིའི་བུ་མོ་ཆུང་ཆུང་།།
སེམས་ཀྱི་སྡེར་ཁའི་ནང་ལ།།
ཁྱོད་ཀྱི་ལང་ཚོ་བཤམས་ཡོད།།
གངས་རིའི་བུ་མོ་ཆུང་ཆུང་།།
ཁྱོད་ཀྱི་ལང་ཚོ་བཤམས་ཡོད།།
ཆར་དང་ཁ་བའི་ཁྲོད་ན།།
གཡང་དཀར་ལུག་ཁྱུ་འདེད་པའི།།
གངས་རིའི་བུ་མོ་ཆུང་ཆུང་།།
སྣང་བའི་རི་ལུང་ཀུན་ལ།།
ཁྱོད་ཀྱི་ཞབས་རྗེས་བྲིས་ཡོད།།
རི་དང་ལུང་པའི་ནང་ན།།
རྫི་གླུ་སྨུག་ལ་འདྲེས་པའི།།
གངས་རིའི་བུ་མོ་ཆུང་ཆུང་།།
སྙིང་གི་མཛོད་ཁང་ནང་ལ།།
ཁྱོད་ཀྱི་ཡོད་ཚད་བསོགས་ཡོད།།
གངས་རིའི་བུ་མོ་ཆུང་ཆུང་།།
ཁྱོད་ཀྱི་ཡོད་ཚད་བསོགས་ཡོད།།
རི་དང་ལུང་པའི་ནང་ན།།
རྫི་གླུ་སྨུག་ལ་འདྲེས་པའི།།
གངས་རིའི་བུ་མོ་ཆུང་ཆུང་།།
སྙིང་གི་མཛོད་ཁང་ནང་ལ།།
ཁྱོད་ཀྱི་ཡོད་ཚད་བསོགས་ཡོད།།
གངས་རིའི་བུ་མོ་ཆུང་ཆུང་།།
ཁྱོད་ཀྱི་ཡོད་ཚད་བསོགས་ཡོད།།
རི་དང་ལུང་པའི་ནང་ན།།
རྫི་གླུ་སྨུག་ལ་འདྲེས་པའི།།
གངས་རིའི་བུ་མོ་ཆུང་ཆུང་།།
སྙིང་གི་མཛོད་ཁང་ནང་ལ།།
ཁྱོད་ཀྱི་ཡོད་ཚད་བསོགས་ཡོད།།
གངས་རིའི་བུ་མོ་ཆུང་ཆུང་།།
ཁྱོད་ཀྱི་ཡོད་ཚད་བསོགས་ཡོད།།

以上歌词来源于网络,歌词版权归属原作者,本站仅做分享。

去《百度音乐》听此歌曲:《雪域姑娘》

上一首歌词:一定会赢

下一首歌词:秘语

泽旺拉姆的其它歌曲歌词:

吉祥祝福慈母之爱祈祷山歌的故乡父亲母亲